返回


复刻最初藏歌旋律
▶播放
歌词
ཆུང་རྩེད་ར་གཅིག་ནས་མ་འཕྲད་ཀྱང་།།
གཞོན་དུང་སེམས་གཉོམ་ལག་ལྷན་དུ་རྒྱས།།
ཚེ་འདི་ཡི་དྲན་ཤིང་ཁུར་བའི་ཁྱོད།།
གཞི་འཁོར་བའི་ནང་གི་འཛུམ་ཆུང་ཡིན།།
ལས་སྐྱིད་སྡུག་དཔུང་བ་གཤིབ་རོགས་དང་།།
ནང་དུང་སེམས་ལུག་ཁྱུ་འཚོ་རོགས་ཡིན།།
འདང་བརེ་བ་བཅོལ་སའི་སྐྱ་ཡ་ཁྱོད།།
མིག་ཁྲ་ཆུང་ནང་གི་འཇིག་རྟེན་ཡིན།།
སྦྲ་མཐིང་སྨུག་གྲུ་བཞིའི་མཐུ་འོག་ནས།།
གཞོན་ལང་ཚོའི་མེ་ཏོག་དེ་རུ་ཟད།།
གཡང་གྲུ་བཞིའི་ནང་གི་བདག་མོ་ཁྱོད།།
བུ་ང་ཡི་ཚེ་གཅིག་གཏན་གྲོགས་ཡིན།།
